Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

20 Feb 2017

Damdrin Tsering 旦正才让 2017

Tibetan singer Damdrin Tsering new song '' Forward ''《向前进》2017
 
2017年著名音乐人旦正才让新春音乐重磅作品《向前进》
 
 

《མདུན་དུ་སྐྱོད》
གཞས་ཚིག།ཁྱུང་སྨོན་སྐྱེས། གཞས་གདངས།རྟ་མགྲིན་ཚེ་རིང་། གཞས་པ།རྟ་མགྲིན་ཚེ་རིང་།


སྨོན་འདུན་དང་ལྷག་བསམ་ཁྱེར་ནས་ང་ཚོ་མདུན་དུ་སྐྱོད།
གཞོན་སྐྱེས་ཀྱི་སྤུན་ཟླ་ཚོ་ཡིད་ཆེས་བྱོས་དང་།
དམ་བཅའི་སྤྲོས་པའི་རེ་འབོད།     དུས་རབས་གསར་བ་ཞིག་གི་སྐྱ་རེངས་ཡིན།   སྤུན་ཟླ་ཚོ་མདུན་དུ་སྐྱོད་ཡ།
ཕ་མའི་རེ་བ་སེམས་ལ་བཟུང་ནས།
ཕུ་ནུའི་བརྩེ་སེམས་སྙིང་ལ་བཅངས་ནས་སེམས་ཁོང་གི་ཕུགས་འདུན་གླུ་རུ་ལེན་བཞིན་འགྲོ།
མདུན་དུ་སྐྱོད་ཡ་རེ་བའི་ན་གཞོན།
ལག་རྡང་སྤྲེལ་ཡ་བཙན་པོའི་བུ་ཆུང་།
སྙིང་རུས་བསྐྱེད་དང་ཁ་བའི་བུ་རྒོད་ཚོ།
རེ་བ་འཁུར་ནས་ཕུགས་འདུན་ཁྱེར་ནས་ང་ཚོ་མདུན་དུ་སྐྱོད།
ཆོད་སེམས་བཅངས་ནས ལག་རྡང་སྤྲེས་ནས
ང་ཚོ་མདུན་དུ་སྐྱོད། ང་ཚོ་ཚང་མ་ཕ་མའི་རེ་བ་ཡིན།
བསམ་བློའི་ཁ་ཕྱོགས་གཅིག་མཚུངས་མ་ཡིན་ཚེ།
མདུན་སྐྱོད་ཟེར་བའི་གོམ་པ་གང་དུ་སྤོ།ཡབ་མེས་ཀྱི་མཛད་རྗེས་ཆུ་བོའི་རྒྱུན་བཞིན་སྤེལ་རོགས།
 
དཀའ་སྡུག་དང་ཆོད་སེམས་ཁྱེར་ནས་ང་ཚོ་མདུན་དུ་སྐྱོད།
གསར་སྐྱེས་ཀྱི་སྤུན་ཟླ་ཚོ་སྤོབས་པ་བསྐྱེད་དང་།
བླ་སྲོག་གི་འབོད་སྐད་འདིས་ ལོ་རྒྱུས་གསར་བ་ཞིག་གི་ངོ་མཚར་བསྐྲུན་ཆོག།
སྤུན་ཟླ་ཚོ་མདུན་དུ་སྐྱོད་ཡ། དུས་ཀྱི་འོས་འགན་ཕྲག་ལ་འཁུར་ནས
ཡབ་མེས་ཀྱི་མཛད་རྗེས་སྙིང་ལ་བཅུགས་ནས།
སེམས་ཁོང་གི་ཕུགས་འདུན་གླུ་རུ་ལེན་བཞིན་འགྲོ། མདུན་དུ་སྐྱོད་ཡ་རེ་བའི་ན་གཞོན།
ལག་རྡང་སྤྲེལ་ཡ་བཙན་པོའི་བུ་ཆུང་། སྙིང་རུས་བསྐྱེད་དང་ཁ་བའི་བུ་རྒོད་ཚོ།
རེ་བ་འཁུར་ནས ཕུགས་འདུན་ཁྱེར་ནས་ང་ཚོ་མདུན་དུ་སྐྱོད།
ཆོད་སེམས་བཅངས་ནས་ལག་རྡང་སྤྲེལ་ནས།ང་ཚོ་མདུན་དུ་སྐྱོད།
ང་ཚོ་ཚང་མ་ཕ་མའི་རེ་བ་ཡིན། གསར་གཏོད་ཟེར་བའི་བློ་རིག་མ་ལྡན་ན།
དུས་རབས་གསར་བའི་རྗེས་སུ་ཇི་ལྟར་སྙེགས།
རང་རིགས་ཀྱི་དཔལ་ཡོན་ཆུ་བོའི་རྒྱུན་བཞིན་སྤེལ་རོགས།
 

No comments: