Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

25 Aug 2016

湖耳环组合 Tsonalong Tsendep 2016

མཚོ་རྣ་ལུང་ཚན་སྡེབ།༼ངའི་ཕ་ཡུལ།༽ 
湖耳环组合新单曲《我的故乡》
Tibetan Band Tsonalong Tsendep 2016
 
 


ངའི་ཕ་ཡུལ།
ཚིག རིག་སྨོན་བསམ་གཏན། དབྱངས། བཀྲ་ཤིས་རྡོ་རྗེ།

ས་སྐྱིད་པོ་གངས་ལྗོངས་ཕྱུག་མོ།། ཆོས་དཀར་པོའི་བསྟན་པ་དར་ས།།
སེམས་ཞི་བདེ་འོད་སྣང་འཁྱིལ་ས།། ངའི་ཕ་ཡུལ་བསིལ་མོ་ལྗོངས་རེད།།
 
མཚོ་ཆེན་པོ་ཁྲི་གཤོག་རྒྱལ་མོ།། ཉ་གསེར་མིག་གཤོག་རྩལ་རྒྱས་ས།།
མགྲོན་མང་པོའི་ཡིད་དབང་འཕྲོག་ས།། ངའི་བླ་མཚོ་ཁྲི་ཤོར་རྒྱལ་མོ།།

 
བོད་བཙན་པོའི་གདུང་གི་རྒྱུད་པ།། ཆུ་གཙང་པོ་ལྡོག་ཏུ་བཞུར་ས།།
རྡོ་ཉི་ཟླའི་གཟི་བྱིན་འཕྲོ་ས།། ངའི་ཕ་ཡུལ་རིག་སྨོན་གཞུང་རེད།།
ཨོ་  ང་ཡི་ཕ་ཡུལ།

18 Aug 2016

Ganri Lhasok Tsendep 2016 藏魂组合, 红珊瑚组合

Ganri Lhasok Tsendep new song "namde Dro"2016
一起走 - 藏魂组合, 红珊瑚组合
ལེན་མཁན།  གངས་རིའི་བླ་སྲོག་ཚན་སྡེབ། བྱུ་རུ་དམར་ཆུང་ཚན་སྡེབ། "མཉམ་དུ་འགྲོ།"
 
 

 
"མཉམ་དུ་འགྲོ།"
ལེན་མཁན།  གངས་རིའི་བླ་སྲོག་ཚན་སྡེབ། བྱུ་རུ་དམར་ཆུང་ཚན་སྡེབ།

གླུ་ཞིག་བླངས་ནས། བྲོ་ཞིག་འཁྲབ་སྟེ། རྒྱང་རིང་མགྲོན་པའི་སེམས་རྩར་དྲོད་ཞིག་སྦྱིན།
མཆོད་ཞིག་འཕངས་ནས། དར་ཞིག་འཐེན་ཏེ། མགྲོན་ཁ་ལེན།

ཞེ་དང་སྣང་བ། གཅིག་ལ་མཐུན་ན། ཁ་ཁོག་མེད་པའི་གཏམ་ཞིག་ཁྱེད་ལ་བཤད།
སེམས་དང་བསམ་པ། འཁོར་ཕྱོགས་གཅིག་ན། ཨོ་་་་་་།མཉམ་དུ་འགྲོ།


ལམ་རིང་ཐུང་ལེ་བར་སྟོང་ཕྲག་གོམས་པས་མཇལ། མཇལ་ནས་མཇལ་ནས།
སྤྲིན་ནག་པོ་ཐོད་ལ་བཟུང་ནས་ཐོད་ལ་བཟུང་ནས། མཉམ་དུ་འགྲོ།
ང་ཚོ་ཚང་མ་མཉམ་དུ་འགྲོ། སྟག་ཤ་ར་སེང་ཕྲུག་དུང་གི་འཛུལ་ཞལ་ཅན།
འཛུམ་ཞལ་འཛུམ་ཞལ། མ་བུ་མོ་མཚོ་ཁའི་མེ་ཏོག། དགོད་སྒྲ་སྙན་ལྷང་།
འཛུམ་མདངས་ལྷོད་ཤིག་ཤིག། ང་ཚོ་མཉམ་དུ་འགྲོ།
 
 

15 Aug 2016

Kunga (根呷最新MV༼རྒྱང་བཞུད༽ 走向远方) 2016

Tibetan sing Kunga New Album " Road in the distance " 2016
ཀུན་དགའི་ཆེད་སྒྲིག་གསར་བ་རྒྱང་བཞུད་ཅེས་པའི་འཕྲིན་གསར། 
根呷2016新专辑《走向远方》
 
 
 


 

 
 

དབྱངས་མཚོ་མོ།
ལེན་མཁན། ཀུན་དགའ། ཚིག གེ་རྒྱལ་པད་མ། གདངས གེ་རྒྱལ་པད་མ།

Owshul Kyi / 奥秀吉 2016

 
 Tibetan singer Owshul Kyi / 奥秀吉 new song
藏族歌手奥秀吉最新单曲《格萨尔王节日》
ལེནམཁན།  འོ་ཕྱུག་སྐྱིད། གེ་སར་དུས་སྟོན།
 
 
 


 
གེ་སར་དུས་སྟོན།  
                                                        
ཚིག  ཐུབ་བསྟན་འབྱུང་གནས། དབངས  ལྷ་རྗེ ཀུན་བཟང་།  ལེནམཁན།  འོ་ཕྱུག་སྐྱིད།
 
སྐྱིད་པའི་བསང་མཆོད་གཏོང་ཤོག དགའ་བའི་ལྷ་རྒྱལ་འཐེན་ཤོག ཡུལ་ཤུལ་ནོར་བུ་གླིང་ལ།
གེ་སར་དུས་སྟོན་ཚེས་ཡོད། ཨོ་་་་་་།
ཡུལ་ཤུལ་ནོར་བུ་གླིང་ལ། གེ་སར་དུས་སྟོན་ཚེས་ཡོད།
 
སྙན་མོ་གླུ་དབྱངས་བླངས་ཤོག བདེ་མོ་ཞབས་བྲོ་འཁྲབ་ཤོག ཡུལ་ཤུལ་ནོར་བུ་གླིང་ལ།
གེ་སར་དུས་སྟོན་ཚེས་ཡོད། ཨོ་་་་་་།
ཡུལ་ཤུལ་ནོར་བུ་གླིང་ལ། གེ་སར་དུས་སྟོན་ཚེས་ཡོད།
 
དེ་རིང་རྟེན་འབྲེལ་ཆེ་སོང་། དེ་རིང་དགེ་མཚན་ལྡན་སོང་། ཡུལ་ཤུལ་ནོར་བུ་གླིང་ལ།
གེ་སར་དུས་སྟོན་ཚེས་ཡོད། ཨོ་་་་་་།
ཡུལ་ཤུལ་ནོར་བུ་གླིང་ལ། གེ་སར་དུས་སྟོན་ཚེས་ཡོད།



13 Aug 2016

Lhakar Dolma 2016 忆梦 拉格卓玛

Tibetan singer Lhakar Dolma new single " The Dream " 2016
拉格卓玛2016最新单曲《忆梦》
གཞས་མ། ལྷ་དཀར་སྒྲོལ་མ། " རྨི་ལམ། "
 
 


   
རྨི་ལམ།
               ཚིག  འབྲུག་ལྷ་རྒྱལ། དབྱངས། སོག་ཤོད་དར་རྒྱས། གཞས་མ། ལྷ་དཀར་སྒྲོལ་མ།
 ཆུང་ཆུང་བྱིས་པའི་དུས་ནས། རྨི་ལམ་ལན་མང་རྨིས་ཡོད། རྨི་ལམ་རེ་རེའི་ནང་ལ། ལས་ཀྱི་སྐྱིད་སྡུག་བཅོལ་ཡོད།
 མི་ཚེའི་ཐང་ཆེན་ཡང་པོར། མགོ་འཁོར་བྱུང་བ་མིན་ཡང༏ རྐང་རྗེས་གྲངས་མེད་ཕབས་པ། ལམ་ཞིག་བཟོ་འདོད་ཡིན་འགྲོ།
 ཁ་ཆར་བུ་ཡུག་འཚུབ་ཀྱང༏ ལ་དང་འགག་ཕྲེང་རྩུབ་ཀྱང༏ རྨི་ལམ་ཆད་པ་མེད་ན། ཕམ་དགོས་རྩ་བ་མི་འདུག།
         ཨོ་་་་་་་་་༏
 མཚན་མོ་རིང་ཡང་མི་སྐྱོན། མུན་པ་སྟུག་ཀྱང་དྲག་གི། རྨི་ལམ་མེད་ན་སྐྲག་གི། ཆུང་ཆུང་བྱིས་པའི་དུས་ནས།
 རྨི་ལམ་ལན་མང་རྨིས་ཡོད། རྨི་ལམ་རེ་རེའི་ནང་ལ། ལས་ཀྱི་སྐྱིད་སྡུག་བཅོལ་ཡོད། འཁོར་བའི་མྱ་ངམ་ཐང་ལ།
 མིག་ལྟོས་ཡང་ཡང་བྱས་པ། ཅི་ཞིག་བོར་བ་མིན་ཡང༏ གནས་ཤིག་འཚོལ་འདོད་ཡིན་འགྲོ།
 འཕྱོར་བའི་རྒྱན་གོས་མེད་ཀྱང༏ ཞིམ་པོའི་བཟའ་བཏུང་མེད་ཀྱང༏ རྨི་ལམ་འགག་པ་མེད་ན། སྐྱོ་དགོས་རྩ་བ་མི་འདུག།
        ཨོ་་་་་་་༏
 མཚན་མོ་རིང་ཡང་མི་སྐྱོན། མུན་པ་སྟུག་ཀྱང་དྲག་གི། རྨི་ལམ་མེད་ན་སྐྲག་གི།
 

3 Aug 2016

Tenzin Kunsel feat. Sonam Topden 2016

Kunsel - Tenzin Kunsel feat. Sonam Topden
བསོད་ནམས་སྟོབས་ལྡན། བསྟན་འཛིན་ཀུན་གསལ།